གཉིས་འཛིན་བཟུང་།
2009-05-23 11:53
ན་ནིང་ཞི་རྒོལ་ནང་བཞུཌ་མཁན་སྤུན་གཉིས་འཛིན་བཟུང་བྱས་པ།
RFA རླུང་འཕྲིན་ཁང་།
ནི་ནིང་ཁམས་དཀར་མཛེས་ཁུལ་གྱི་བོད་མིའི་ཞི་རྒོལ་ནང་མཉམ་བཞུགས་
གནང་མཁན་སྤུན་གཉིས་ཉེ་ཆར་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ།
༄༅༎ན་ནིང་སྤྱི་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་བོད་ཁམས་དཀར་མཛེས་ཁུལ་གྱི་བོད་མའི་ཞི་བའི་
ངོ་རྒོལ་གྱི་ལས་འགུལ་ནང་བཞུགས་ཤིང་རྗེས་སུ་རྒྱ་ནག་གཞུང་གི་ཉེན་རྟོག་ཚན་པའི་འཛིན་བཟུང་
གཡོལ་ཆེད་དུ་བྲོས་བྱོལ་དུ་ཕེབས་པའི་རྫ་ཁོག་ས་ཁུལ་ར་པ་གྲོང་ཚོའི་ད་ལོ་ལོ་གྲངས་སུམ་བཅུ་ལ་ཕེབས་
པའི་བོད་མི་བསྟན་པ་ལགས་དང་ད་ལོ་ལོ་གྲངས་ཉི་ཤུ་རྩ་ལྔ་ཡིན་པའི་ཁོང་གི་གཅུང་པོ་འཇམ་རྡོ་ལགས་
སྤུན་མཆེད་གཉིས་དུས་ཡུན་ལོ་གཅིག་ཙམ་རིང་བྲོས་བྱོལ་དུ་ཕེབས་ཡོད་ཅིང་ཡིན་ན་ཡང་ད་རེས་ཟླ་བ་
འདིའི་ནང་གཞུང་ཕྱོགས་ནས་བྲོས་བྱོལ་དུ་གནས་པའི་བོད་མི་སྤུན་མཆེད་དེ་གཉིས་རྫ་ཆུ་ཁ་ནས་འཛིན་
བཟུང་བྱས་ཡོད་པ་རེད། བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་གནང་བའི་བོད་ཀྱི་འགྲོ་བ་མིའི་
ཐོབ་ཐང་དང་དམངས་གཙོའི་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་གིས་རང་འདོད་ལྟར་གོང་
ཞུས་བོད་མི་སྤུན་གཉིས་འཛིན་བཟུང་བྱས་པའི་གནས་ཚུལ་དེ་ལ་སྐྱོན་བརྗོད་གནང་ཡོད་པ་དང་སྦྲགས་
རྒྱ་ནག་གཞུང་གིས་བོད་མི་དེ་གཉིས་འཕྲལ་དུ་གློད་འགྲོལ་གཏང་དགོས་པའི་འབོད་སྐུལ་ཡང་གནང་འདུག།
———
Back

