རོམ་དུ་གདན་ཞུ།

14/04/2009 16:31

༧གོང་ས་མཆོག་རོམ་དུ་གདན་ཞུ།

ཨི་ཊ་ལིའི་རྒྱལ་ས་རོམ་གྲོང་ཁྱེར་གྱིས་༧གོང་ས་མཆོག་ལ་གྲོང་ཁྱེར་དེའི་མི་སེར་མཚན་ཐོབ་གནང་སྟེ། ཁོང་ཉིད་མཚན་ཐོབ་དེ་བཞེས་པར་གདན་ཞུ་གནང་ཡོད་འདུག

ཚེས་ ༡༣ ཉིན་གྱི་གསར་འགྱུར་ལྟར་ན།  ཨི་ཊ་ལིའི་རྒྱལ་ས་རཱོམ་གྲོང་ཁྱེར་གྱིས་༧གོང་ས་མཆོག་ལ་མི་སེར་མཚན་ཐོབ་ཀྱི་ཕྱག་ཁྱེར་ཕུལ་ཞིང་། ཟླ་རྗེས་མའི་ནང་མཚན་ཐོབ་བཞེས་པར་གདན་འདྲེན་ཞུས་ཡོད་པ་གསལ་བསྒྲགས་གནང་ཡོད་འདུག་ལ། གྲོང་ཁྱེར་མགྲིན་ཚབ་པས། ད་ལྟའི་ཆར་༧གོང་ས་མཆོག་སྐུ་དངོས་ཕེབས་ཐུབ་མིན་གྱི་ཐག་གཅོད་གནང་མེད་ཚུལ་གསར་ལམ་ཁག་ལ་འགྲེལ་བརྗོད་གནང་འདུག

༧གོང་ས་མཆོག་གིས་བོད་ཀྱི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་པའི་ལམ་ཁ་འཚོལ་བཞིན་པ་དང་། ཁོང་ཉིད་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པའི་ངོས་འཛིན་ཐོག་ལོ་སྔོན་མའི་ཕྱི་ཟླ་ ༩ པའི་ནང་རོམ་གྲོང་ཁྱེར་འཐུས་མིའི་ཚོགས་ཆེན་སྟེང་གྲོས་ཆོད་འདི་གཏན་འབེབས་གནང་ཡོད་འདུག ༢༠༠༧ ལོའི་ཟླ་ ༡༢ པའི་ནང་༧གོང་ས་མཆོག་གིས་ཨི་ཊ་ལི་ནས་འཛམ་གླིང་ཞི་བདེའི་ཐད་གསུང་བཤད་གནང་སྐབས་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་འཕྲད་གནང་ཡོད། སྐབས་དེར་༧གོང་ས་མཆོག་དང་སྲིད་བློན་རཱོ་མ་ནོ་པི་རཱོ་ཏི་རྣམ་གཉིས་མཇལ་འཕྲད་གནང་མེད་ནའ་རྒྱ་ནག་གཞུང་གིས་ཁོང་གི་གཟིགས་སྐོར་ཐད་ཨི་ཊ་ལིའི་ཕྱི་སྲིད་ལྷན་ཁང་ལ་ངོ་རྒོལ་བྱས་ཡོད་པ་རེད།

 

Back

Search site

© 2009 All rights reserved Konchok.webnode.com

དཀོན་མཆོག་བོད་རང་བཙན་དྲ་ཚིགས།